乔美仁波切祈祷文 - 仁青郎加.mp3
能正常播放的歌曲才可以下载
[00:00.00] 作词 : 仁青郎加[00:01.00] 作曲 : 仁青郎加[00:02.00] 编曲 : 仁青郎加[00:04.99]ན་མོ་གུ་རུ། འདིར་བླ་མའི་རྣལ་འབྱོར་ཉུང་བསྡུས་ནི།[00:07.41]ཨཱཿ ཀ་དག་ཆོས་སྐུའི་བླ་མར་སྐྱབས་སུ་མཆི།།[00:13.12]མཐའ་ཡས་འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ།།[00:19.46]རང་གི་སྤྱི་བོར་ཆུ་སྐྱེས་ཟླ་བའི་སྟེང་།།[00:25.75]སངས་རྒྱས་ཀུན་འདུས་ཀརྨ་ཆགས་མེད་ནི།།[00:32.40]དཀར་གསལ་མདངས་ལྡན་ཆོས་གོས་རྣམ་གསུམ་གསོལ།།[00:39.11]དབུ་ལ་དབང་ཞུ་པདྨ་མཐོང་གྲོལ་དང་།།[00:45.39]ཟ་འོག་བེར་ཀླུབ་མཉམ་བཞག་ཚེ་བུམ་བསྣམས།།[00:52.27]ཕྱོགས་དུས་རྒྱལ་ཀུན་འདུས་པའི་ངོ་བོར་གསལ།།[01:03.49]སྐྱབས་དཀོན་མཆོག་རྩ་གསུམ་འདུས་པའི་སྐུ།།[01:10.15]ལྷ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ།།[01:16.73]རྗེ་ཀརྨ་ཆགས་མེད་ལ་གསོལ་བ་འདེབས།།[01:23.59]མི་བདག་ལ་ཐུགས་རྗེ་སྤྱན་གྱིས་གཟིགས།།[01:30.34]བདག་འདི་བཟུང་བྱང་ཆུབ་མ་ཐོབ་བར། །[01:37.03]མགོན་ཁྱེད་ལས་རེ་ལྟོས་མ་མཆིས་པས།།[01:43.74]ད་མྱུར་བར་ཐུགས་རྗེས་བཟུང་ནས་ཀྱང་།།[01:50.41]བདག་སྒོ་གསུམ་སྨིན་པར་མཛད་དུ་གསོལ།།[01:57.17]བློ་དམ་པའི་ཆོས་སུ་འགྲོ་བ་དང་།།[02:03.95]རྐྱེན་ཕྱི་ནང་བར་ཆད་ཀུན་ཞི་ནས།།[02:10.59]མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ།།[02:17.38]དོན་རྫོགས་སངས་རྒྱས་པར་བྱིན་གྱིས་རློབས།།[02:22.95]ཅེས་གསོལ་བ་འདེབས། [02:24.49]ཨོཾ་ཨཱཿགུ་རུ་ཀརྨ་ཨ་རཱ་ག་མ་ཧཱ་མུ་ཌ་སིདྡྷི་ཧཱུྃཿ [02:37.19]ཅེས་ཅི་ནུས་བཟླས་ནས། [02:38.83]དཔལ་ལྡན་བླ་མའི་སྐུ་བཞིའི་གནས་བཞི་ལས།།[02:45.39]འོད་ཟེར་དཀར་དམར་མཐིང་སེར་འཕྲོས་པ་ཡི།།[02:52.05]རང་གནས་བཞིར་ཐིམ་སྒྲིབ་བཞི་དག་པ་དང་།།[02:58.74]དབང་བཞི་ཐོབ་ཅིང་ལམ་བཞི་བསྒོམ་པར་མངའ།།[03:05.57]འབྲས་བུ་སྐུ་བཞིའི་གོ་འཕང་ཐོབ་པར་གྱུར།།[03:12.30]བླ་མ་འོད་ཞུ་རང་ཐིམ་དབྱེར་མེད་འདྲེས།།[03:19.04]མ་བཅོས་སྤྲོས་བྲལ་ངང་དུ་མཉམ་པར་བཞག།[03:25.75]དགེ་འདིས་དཔལ་ལྡན་བླ་མའི་སྐུ་འགྲུབ་ཤོག། [03:31.90]ཅེས་པའང་དད་ལྡན་རྣམས་ཀྱིས་བསྐུལ་ངོར་༧ཆགས་སྤྲུལ་ལྔ་པས་མདོར་བསྡུས་སུ་བྲིས་པ་དགེའོ།།[03:38.64]སརྦ་མངྒ་ལཾ།
展开