藏拉德圣域颂文 - 玛龙冷智.mp3
能正常播放的歌曲才可以下载
[00:00.000] 作曲 : 玛龙冷智[00:00.946]ཚིག གཙང་རྡོ།[00:01.433]དབྱངས། རྨ་གླིང་ལྷུན་གྲུབ།[00:02.025]རྡུང་ལེན་པ། རྨ་གླིང་ལྷུན་གྲུབ།[00:02.545]སྒྲ་ལེན་པ་དང་སྒྲ་ཞིབ་སྦྱོར། རིན་ཆེན་དོན་འགྲུབ།[00:03.290]ཡིག་བསྒྱུར་བ། ས་པཎ་ལོ་ཙཱ།[00:04.265][00:06.065]གནམ་འཁོར་ལོ་རྩིབས་བརྒྱད་འོག་ན། །[00:10.041]ས་འདབ་སྟོང་པད་མའི་སྟེང་ན། །[00:15.945]དགུང་སྐར་ཚོགས་ས་ལ་ལྷུང་འདྲའི། །[00:20.497]སྡེ་ཆེན་པོ་གཙང་གི་ལྷ་སྡེ། །[00:26.265]གཙང་བཙན་པོ་དབང་སྡུད་ཅན་པོས། །[00:30.841]ས་ངྷི་སྟོད་ངྷི་བུ་གོང་དྲུག །[00:36.658]ས་མཐའ་དབུ་རྡི་གསུམ་འདུལ་ནས། །[00:41.361]འདི་དུད་ཁ་སྟོང་རུ་ཉེ་བ། །[00:47.225]འདི་ཕྱོགས་ལས་རྣམ་པར་རྒྱལ་ས། །[00:51.729]སའི་དགེ་བཅུ་ཚང་བའི་གཡང་ས། །[00:57.457]དཔལ་ལོངས་སྤྱོད་འཛོམས་པའི་ཕ་ས། །[01:02.209]ངས་སྙན་མོ་གླུ་ཡིས་བསྟོད་དོ། །[01:08.441][01:14.171]དགུང་ཉི་ཟླ་གླིང་བཞིའི་འོག་ན། །[01:18.673]སྤྲིན་དཀར་པོའི་ལ་ཐོད་ཅན་པོ། །[01:24.265]དར་ནག་པོ་ཕྱར་གི་ཡུལ་ལྷ། །[01:28.905]གཉན་ཕུར་བུ་འཛིན་གི་གཞི་བདག །[01:34.817]འདི་སྔགས་འཆང་རྡོ་རྗེ་དགྲ་འདུལ། །[01:39.546]བུ་ང་ཡི་སྐྱེས་རི་མཐོན་པོ། །[01:45.490]འཇའ་སྣ་ལྔའི་གུར་ཁང་ནང་ན། །[01:49.913]རི་སྨུག་ནག་གནམ་ཀྱི་ཀ་བ། །[01:55.691]ཐུགས་མཐུ་རྩལ་གློག་ཞགས་ཅན་པོ། །[02:00.497]ལས་ལ་རྒྱ་ཅན་གྱི་བདག་པོ། །[02:07.499]འདི་ལྷ་བཙུན་དཔའ་བོ་སྟོབས་ལྡན། །[02:10.987]སྡེ་ཆེན་པོ་སྐྱོང་བའི་ལྷ་རི། །[02:17.274]རིའི་རྩེ་མོ་དགུང་ལ་ཟུག་པ། །[02:21.322]དགུང་ཉི་ཟླའི་འོད་ཁང་ཅན་པོ། །[02:26.913]བྲག་དཀར་པོའི་ཁྲབ་རྨོག་ཅན་པོ། །[02:31.698]འདི་མཆོད་པའི་ཡུལ་ལྷ་དཀར་པོ། །[02:37.761]རི་མཐོན་པོ་རྣམ་སྣང་ཞལ་དཀར། །[02:42.090]སྡེ་ཆེན་པོ་སྐྱོང་བའི་ལྷ་རི། །[02:47.841]ཕྱི་སྐྱ་བརྒྱ་དམག་གིས་བསྐོར་བ། །[02:52.577]ནང་ཀླུ་མོ་འབུམ་གྱིས་བསྐོར་བ། །[02:58.562]དགོན་རུ་སྡེ་ཕྱུག་གི་རུ་མ། །[03:03.051]དབུས་ལྷ་ལྡན་ཞིང་ནས་ཕེབས་པའི། །[03:08.705]འདི་ཨ་མྱེ་དབུས་རི་ཕྱུག་མོ། །[03:13.786]སྡེ་ཆེན་པོ་སྐྱོང་བའི་ལྷ་རི། །[03:19.371]སྤང་སྔོན་མོའི་གོས་ལྗང་སྟེང་ན། །[03:24.130]རི་དངུལ་དཀར་བུམ་པ་འདྲ་བོ། །[03:29.650]ཤིང་ཤུག་པའི་རྒྱན་ཆ་ཅན་པོ། །[03:34.234]ནོར་ལོངས་སྤྱོད་འཛོམས་པའི་གཏེར་བདག །[03:40.490]འདི་ནོར་ལྷ་ནོར་བུ་རབ་སྤུངས། །[03:44.906]སྡེ་ཆེན་པོ་སྐྱོང་བའི་ལྷ་རི། །[03:51.010]ཕྱི་ས་འཛིན་བརྗིད་ཆགས་ལྷུམ་མེར། །[03:55.212]ནང་རིན་ཆེན་ཁང་བཟང་བཀོད་ལེགས། །[04:01.052]གཡུ་སྔོན་མོའི་གོ་ཁྲབ་ཅན་པོ། །[04:05.859]གཞུ་མཆོག་དཀར་མཚོན་ཆ་ཅན་པོ། །[04:11.323]འདི་དབུ་མའི་ནེའུ་རྫ་མཐོན་པོ། །[04:16.004]སྡེ་ཆེན་པོ་སྐྱོང་བའི་ལྷ་རི། །[04:21.907]ས་ངྷི་སྟོད་ངྷི་བུ་གོང་དྲུག །[04:26.515]ས་ངྷི་སྨད་ངྷི་མདའ་སྟོང་དཔོན། །[04:32.236]འདི་ཞལ་སེར་བསྟན་པ་དར་རྒྱས། །[04:36.979]འདི་དྲག་རྩལ་དཔའ་བོ་རྡོ་རྗེ། །[04:42.964]ས་འདི་ཡི་ཡུལ་ལྷ་གཞི་བདག །[04:47.315]ངག་སྙན་མོས་མཆོད་པ་འབུལ་ལོ། །[04:53.347][04:59.300]ས་གཡང་ཆགས་གཙང་གི་ལྷ་སྡེ། །[05:03.740]ས་ཆེན་པོར་བཏབ་པའི་ཕྲ་རྒྱན། །[05:09.595]རུ་སྡེ་བར་བཙན་ཕྱུག་འཕན་གསུམ། །[05:14.379]ཐང་བདེ་མོར་རྟ་ནོར་ལུག་གསུམ། །[05:20.179]ཟས་ཞིམ་པོར་ཤ་མར་ཐུད་གསུམ། །[05:24.715]རྫ་སྤང་རིའི་ཕྱོགས་བཞི་བསྐོར་བ། །[05:30.284]ཆུ་གཙང་བོ་གཡས་སུ་འཁྱིལ་བ། །[05:35.083]བཀྲ་ཤིས་པའི་རྟགས་བརྒྱད་ཚང་ས། །[05:40.859]རྗེ་བླ་མ་འཁྲུངས་བའི་གདན་ས། །[05:45.644]བུ་དཔའ་བོ་སྐྱེ་སའི་གཡང་ས། །[05:51.251]རྒྱུ་འབྱོར་བའི་མཚོ་མོ་འཁྱིལ་ས། །[05:56.068]བུ་ང་ཡི་ཕ་ས་ཕ་ཡུལ། །[06:02.059]ས་ངྷི་རྔ་ཆོས་ས་ཆོས་ཡུལ། །[06:06.453]རྗེ་བླ་མའི་ཆོས་འཁོར་བསྐོར་ས། །[06:12.475]ས་རྐ་ཆུང་གཡང་ས་བྱིན་ཅན། །[06:16.963]ཆོས་བཀའ་འགྱུར་བྲག་རི་བརྩིགས་ས། །[06:22.852]ས་ངྷི་ཆུང་གཏེར་གྱི་བང་མཛོད། །[06:27.437]ནོར་རིན་ཆེན་གཏེར་ཁ་མང་ས། །[06:33.147]ས་ལུང་བཟང་རྩྭ་ཆུ་འཛོམས་ས། །[06:37.715]རྩྭ་རྩི་ཤིང་སྨན་སྣ་རྒྱས་ས། །[06:43.605]མཐོང་དང་ན་མཐོང་བ་ཀུན་སྨོན། །[06:48.260]སྐྱེས་དང་ན་སྐྱིད་པའི་ཕ་ཡུལ། །[06:54.251]འདིའི་བསོད་ནམས་སྙན་གྲགས་དབང་ཐང་། །[06:58.916]འདི་ཡུན་རིང་རྟག་གི་སྨོན་ལམ། །[07:04.483]སྡེ་ཆེན་པོ་གཙང་གི་ལྷ་སྡེ། །[07:08.659]འདིའི་མི་ལ་ན་ཚ་མེད་པར། །[07:15.139]ཕྱུགས་གཡང་ལ་གོད་ཁ་མེད་པར། །[07:19.707]ཡུལ་འདི་ལ་རྒུད་པ་མེད་པར། །[07:25.611]འདི་བཀྲ་ཤིས་བདེ་ལེགས་ཡོང་བའི། །[07:30.172]ངས་སྨོན་ལམ་ཡང་ཡང་འདེབས་སོ། །
展开